格绒上师简介


མཆོག་སྤྲུལ་སྐལ་བཟང་ནི་༡༩༧༠ལོའི་བོད་ཟླ་དང་པོའི་ཚེས་བདུན་ལ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ཐོགས་རིག་གནས་གསར་རྗེ་འཇུག་གྲོལ་བ་དང་ལྷན་ཆོས་སྒོ་ཕྱེ་བས་དགོན་པ་ནང་བླ་གྲྭ་རྣམས་ཚོགས་རྒྱུའི་སྐལ་བ་བྱུང་ཉིན་ཟོག་རྣམས་རི་ལ་བཞག་སྟེ་ཕ་མ་གཉིས་ཀྱི་མི་གོ་སར་གེ་དགོན་ཨོ་རྒྱན་བསམ་གཏན་གླིང་དུ་གྲྭར་ཞུགས། དགེ་རྒན་རིན་ཆེན་བཟང་པོ་ལ་བསྟེན་ནས་ཀ་ཁ་ནས་བཟུང་དགོན་པའི་འདོན་ཆ་ཡོངས་རྫོགས་དང་རྒན་བློ་རྒྱམ་སོགས་མདུན་གདངས་རྟ་དབྱངས་ཆོ་ག་ཕྱག་ལེན་བཅའ་རྡུང་འབུད་གསུམ་སོགས་མཐའ་ཕྱིན་པར་སྦྱོང་། དགུང་ལོ་བཅུ་དྲུག་ཐོགས་དགོན་གྱི་བླ་སྤྲུལ་རྣམ་གཉིས་བཀའ་བཞིན་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ནས་འཕེབས་ཏེ་ཚེ་རབས་ལས་ཀྱི་བླ་མ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་གྲུབ་དབང་ལུང་རྟོགས་རྒྱལ་མཚན་ནམ་༼བླ་མ་ཨ་ཁྱུག༽དང་མཇལ། འབུམ་ལྔ་བསགས་སྦྱངས་ནས་བཟུང་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་སོགས་འོད་གསལ་རྫོགས་པ་ཆེན་པོའི་སྙན་བརྒྱུད་མན་ངག་བསྐོར་ཡོངས་སུ་རྫོགས་པར་བུམ་པ་གང་བྱོལ་ཚུལ་དུ་ཐོབ། ཆོས་རྗེ་འཇིགས་མེད་ཕུན་ཚོགས་དང་ཨ་རིག་མཁན་ཆེན་པདྨ་ཚེ་དབང་མདུན་དབང་ལུང་དང་མན་ངག་དུ་མ་ཐོབ། དགུང་ལོ་ཉེར་དྲུག་ཐོགས་ཁུ་བོ་བཀའ་དྲིན་ཅན་རྡོར་འཛིན་རིན་པོ་ཆེས་རྫོགས་ཆེན་ན་སོང་གསུང་བར་བཞིན་ཤྲཱི་སེང་ལྔ་རིག་སློབ་གླིང་གི་མཁན་ཆེན་ཨོ་རྒྱན་རིག་འཛིན་མདུན་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་དང་མཆོག་སྤྲུལ་པདྨ་སྐལ་བཟང་མདུན་དབང་ལུང་དུ་མ་ཐོབ། དགུང་ལོ་ཉེར་དགུ་ཐོགས་ཤྲཱི་སེང་ཆོས་གྲྭའམ་སྐྱབས་རྗེ་བླ་མ་པདྨ་སྐལ་བཟང་རིན་པོ་ཆེས་རང་དགོན་གྱི་ལས་ཐོགས་མཁན་པོར་བསྐོས། སླར་ཡང་རང་ཡུལ་དུ་འཕེབས་ནས་ལོ་གསུམ་གྱི་རིམ་ལ་དགོན་གྱི་བསྟན་དོན་ལ་ཞབས་ཞུ་ཅི་འགྲུབ་བྱེད། སྨྱུང་གནས་དང་གཡའ་གནས་སྐབས་མཆོད་གཏོར་ལ་སྐྲ་སྐྱེ་བ་དང་སིདྡྷི་བུམ་སྒྲུབ་སྐབས་གཏོར་མ་ལ་བདུད་རྩི་འབབ་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་བྱུང་། སྔ་མེད་ཀྱི་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དང་འཛམ་གླིང་གེ་སར་རྒྱལ་པོའི་རྣམ་ཐར་གར་འཆམ་བཅས་གསར་འཛུགས་མཛད། སླར་ཡང་ཡ་ཆེན་འཕེབས་་ནས་སྒྲུབ་པ་ཉམས་ལེན་ལ་བཞོལ། བླ་མ་རིན་པོ་ཆེ་དང་མཉམ་དུ་གསེར་རྟ་བླ་རུང་དུ་འཕེབས་ནས་བླ་མ་ཡིད་བཞི་ནོར་བུ་མདུན་རྟོགས་འབུལ་དང་དབང་ལུང་དུ་མ་ཐོབ། ཉིས་སྟོང་ལྔ་ལོ་གྲུབ་དབང་བླ་མ་སོགས་སྐྱེས་ཆེན་དུ་མས་འབའ་གྲུབ་དགོན་གྱི་ཉེ་བཞོལ་སྟེང་ཆེན་རི་ཁྲོད་ཀྱི་རྒན་གུ་རུ་ཡོང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད། སྔོན་གྱི་ལས་དང་སྨོན་ལམ་དབང་གིས་ཉིན་ཞིག་ལ་སྐྱ་མིན་སེར་མིན་ཞིག་གིས་ཁྱེད་རྒྱ་ནག་རི་བོ་རྩེ་ལྔ་སོང་ན་ལེགས་ཟེར་བ་ལྟར་རི་བོ་རྩེ་ལྔ་སོང་ནས་མཚམས་ལ་སྡད། རི་བོ་རྩེ་ལྔའི་འབུམ་སྐུ་མཆོད་རྟེན་ལ་ཕྱག་འཚལ་སྐབས་མཆོད་རྟེན་ལ་འོད་ཟེར་འཕྲོས་བས་པེ་ཅིང་དང་ཀང་ཀྲུག་ཧྲིན་ཀྲུན་གྱི་ཆོས་དད་རྣམས་ཐོས་ནས་གདན་འདྲེན་ཞུ་བར་བཞིན་རྒྱ་རིགས་རྣམས་ལ་ཆོས་ཀྱི་འབྲེལ་བར་མཛད། གྲུབ་དབང་བླ་མས་མདོ་སྨད་གནས་སྒོ་རྣམས་ཕྱེ་སྐབས་རང་ཡུལ་གྱི་སྔོ་བྲག་གནས་ལ་བསང་མཆོད་དང་ཚོགས་འཁོར་འབུལ་སོང་གསུང་བར་བཞིན་རྡོ་རྗེ་མཆེད་གྲོགས་རྣམས་དང་འཕེབས་ནས་བསང་མཆོད་རྒྱས་འབུལ་ཟིན་པར་དང་གནས་ཀྱི་རང་བྱོན་རྣམས་མཇལ་སྐབས་རྡོ་རྗེ་ཞིག་ཀྱང་རྙེད། རྗེས་སུ་རྡོ་རྗེ་མཆེད་པོ་འགའ་དང་ལྷན་དུ་གནས་བསྐོར་ལ་འཕེབས་སྐབས་ལས་བཞི་མཁའ་འགྲོའི་སྐུ་ཞིག་རྙེད། རྒྱ་ཡུལ་དུ་རང་སློབ་འགའ་དང་ལྷན་གཅིག་རི་བོ་གྲུ་འཛིན་གནས་མཇལ་ལ་འཕེབས་སྐབས་རྒྱ་ལུགས་ཀྱི་སྤྱན་རས་གཟིགས་སྐུ་ཞིག་ཀྱང་རྙེད། ་་་་་་་་་་་་་་་་་མི་ལ་ལས་ཁྱེད་ཀྱི་གཏེར་ལེན་པ་རེད་ཟེར། ཁོང་གིས་གསུང་རྒྱུ་ངས་གཏེར་ལེན་པ་ཕ་ཞོག་རང་རྒྱུད་ཀྱི་ཉོན་མོངས་པ་རྣམས་འདུལ་མི་ཐུབ་འདུག  དེ་རྣམས་བླ་མ་དང་ལྷག་པའི་ལྷས་ང་བདག་འཛིན་ཆེ་བ་དགོངས་ནས་དངོས་གྲུབ་གནང་བར་ཡིན་འདུག་གསུང་། ཉིས་སྟོང་དགུ་ལོ་རང་དགོན་དུ་གྲྭ་ཆུང་ལོ་༦ནས་༡༢བར་སྔ་ཕྱི་ཁྱོན་༦༠ཙམ་སྡུད་ནས་ཤེས་རབ་འོད་ཟེར་བཙུན་ཆུང་སློབ་གྲྭར་ཞེས་པའི་དབུ་འཛུགས། དགོན་པ་མེ་སྐྱོན་ཤོར་ནས་གསར་བཞེངས་སྐབས་རང་ནུས་ཅི་ཡོད་ཀྱིས་ཞབས་ཞུ་སྒྲུབ། ཉིས་སྟོང་བཅུ་གསུམ་ལོ་རྒྱ་ཡུལ་རོགས་རམ་ཚོགས་པ་དང་འབྲེལ་བ་བྱེད་ནས་ལི་ཐང་རྫོང་འཁོར་ཡུག་གི་མི་འགོ་༡༦༠༠ལྷག་ཙམ་རིན་མེད་ཀྱི་བད་ཀན་མིག་ནད་བཤར་བཅོས་དང་མིག་ཤེལ་དང་དབུལ་པོ་རྣམས་ལ་ཟས་གོས་ཀྱི་སྦྱིན་པ་བྱེད། དུས་རྒྱུན་དུ་མ་ཎི་ལག་འཁོར་༡༠༠༠ཙམ་དང་དུང་འཁོར་ཆེ་ཆུང་གཉིས་ཉིས་བརྒྱ་ལྷག་དང་མཆོད་རྟེན་བཅུ་ཕྲག་ཁ་ཤས་དགེ་བསྐུལ་དང་གསར་བཞེངས་མཛད། རྒྱ་བོད་ཡུལ་ཕྱོགས་ཀུན་ཏུ་སྲོག་བསླུ་དུང་འགའ་དང་ཆོས་དད་དམངས་ཚོགས་རྣམས་ལ་འབུམ་ལྔ་བསགས་སྦྱངས་ནས་བཟུང་འོད་གསལ་རྫོགས་པ་ཆེན་པོ་འཁྲུལ་མེད་དམ་པའི་ཞལ་ལུང་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གྲུབ་དབང་བླ་མའི་སྙན་བརྒྱུད་མ་ནོར་བ་སྟོན་བཞིན་པར་ལགས། མདོར་ན་བསྟན་འགྲོ་ལ་ཅི་ནུས་ཀྱིས་ཞབས་ཞུ་བྱེད་དང་བྱེད་བཞིན་པར་ལགས་སོ།


上师出生于格萨尔王家族,出生时天降花雨,孩童时期很喜欢带小伙伴一起念经,最喜欢的衣服是僧装,十二岁隐瞒父母在寺院出家,十六岁来到亚青寺师从于阿秋喇嘛仁波切,跟随喇嘛仁波切修法多年,在修习前行---直断---托噶圆满期间,曾发愿不修成就不解衣不睡觉!在亚青寺大圆满法修行获得成就后,祈请上师阿秋喇嘛仁波切同意后前往左钦五明佛学院,在白玛格桑法王,大堪布乌金仁增前学习讲.辩.著获得堪布。阿秋喇嘛仁波切给上师的修证认定与莲师,布玛目扎无二无别!感叹非常稀有!上师被认定是大成就喇嘛格日第四世转世!上师在任寺院堪布期间,做法会时供品变成甘露,参加法会上千人每人都能分得自生甘露水一瓢羹,供品朵玛会长出朵玛头发!


上师在寺庙原有法事活动基础上新增加了格萨尔王金刚舞,金刚舞释迦牟尼本生故事无垢具足;


上师观察缘起发现,寺庙大的出家人越来越老,小的出家人也越来越少。为了让莲师教法得到广大弘扬,大恩上师发起大愿,成立了慧光小学。


上师受阿秋喇嘛仁波切派遣去神山撒净,做净山烟供时得金刚杵;


上师去朝拜神山时得到四臂空行母(息增怀诸佛母),去五台山闭关文殊菩萨心咒,出关拜万佛塔时放光,几个弟子一起去普陀山朝拜时得观音菩萨!上师说:这都是上师和佛菩萨加持息地给我的!


上师协调联系朋友出资让藏族医生到温州医学院附属眼视光医院学习临床白内障手术。同时,牵头协调世界温州人微笑联盟,温州医学院附属眼视光医院,理塘卫生局/理塘医院,共同发起“明眸工程进理塘”项目,给广大藏族白内障同胞免费手术治疗,让患者重获光明!


上师发起重建寺院,建佛塔,建转经筒,刻玛尼石一系列的利生事业!


上师平日发心致力于做藏地儿童教育,孤独老人的收养等一系列帮困扶贫救危解难的事情,上师发起创办的慧光小学目前有学生60余人,均为6~12岁出家沙弥!让原本因贫穷没有上学的孩子们可以读书接受教育。


上师来汉地不到几年时间,放生众生难以计数,每到一地都会做放生,供土地,供龙王,祈愿世界和平,国泰民安风调雨顺,超度有缘众生。慈悲感召瑞相纷呈,做火供显现地藏王菩萨,金刚手菩萨,观音菩萨,一髻佛母,不动佛,空中出现莲花,铜色吉祥山,供灯时出现阿字等等!    

  

上师因宿世因缘和悲愿,用佛法的智悲甘露滋养着藏汉两地,如慈母般呵护着每一个法界有情。